Menu Close

Nangchen Rinpoche

སྐྱབས་རྗེ་མནང་ཆེན་རིན་པོ་ཆེ་ ཀརྨ་བསམ་གཏན་མཆོག་ སྤྱི་ལོ་༡༩༠༧ ལུག་གི་ལོ་ནང་ བོད་ལུ་སྐུ་འཁྲུངས་ནུག། རིན་པོ་ཆེ་མཆོག་ སྐྱབས་རྗེ་ཀརྨ་པ་རང་འབྱུང་རིག་པའི་རྡོ་རྗེ་དང་ གཅུང་སྤྲུལ་རིན་པོ་ཆེ་ཚུ་ལས་ དབང་ལུང་ཁྲིད་གསུམ་ གསན་སྦྱངས་མཛད་ནུག། གཅུང་རིན་པོ་ཆེ་མཆོག་ སྤྱི་ལོ་༡༩༥༠གི་ལོ་ནང་ བོད་ལས་འབྲུག་ལུ་ཕེབས་ཏེ་ ཨ་ཞེ་ཆོས་ཀྱི་དབང་མོ་དབང་ཕྱུག་མཆོག་གིས་ སྦྱིན་བདག་མཛད་དེ་འབྲུག་ལུ་བཞུགས་ནུག། གཅུང་རིན་པོ་ཆེ་མཆོག་གིས་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ དངོས་སུ་ཞལ་གཟིགས་ཡོདཔ་མ་ཚད་ སྤྱི་ལོ་༡༩༠༠ གི་ལོ་གྲངས་ནང་ གྲུབ་པ་ཐོབ་པའི་རྣལ་འབྱོར་པ་གཅིག་སྦེ་བཞུགས་ནུག། གཅུང་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་ཚེ་ལྷག་མ་ཧྲིལ་པོ་ འབྲུག་ཤར་ཕྱོགས་ལུང་ཕྱོགས་ཀྱི་ སྐལ་ལྡན་གདུལ་བྱ་ཚུ་ལུ་ བཛྲ་གུ་རུའི་དབང་ལུང་དང་ བཀའ་ཆོས་གནང་སྟེ་བཞུགས་ནུག། དེ་ལས་ཚུར་ འབྲུག་རྒྱལ་ཁབ་ནང་ རིན་པོ་ཆེ་མཆོག་གི་མཚན་ བཛྲ་གུ་རུ་རིན་པོ་ཆེ་ ཟེར་ཡོངས་གྲགས་གྱུར་སོང་ནུག།

གཅུང་སྤྲུལ་རིན་པོ་ཆེ་མཆོག་གིས་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་ སྐུ་ཕྲེང་༦པ་ལས་ གུ་རུའི་གསོལ་འདེབས་ལེའུ་བདུན་མའི་དབང་ལུང་ཚུ་ ཞུས་ནུག། རིན་པོ་ཆེ་མཆོག་ མོང་སྒར་ཨ་བརྒྱ་གནས་ཀྱིས་གཙོས་པའི་ གནས་རྩན་ཅན་ བུམ་ཐང་ཀུན་བཟང་བྲག་དང་ རྒྱ་གར་རྡོ་རྗེ་གདན་ དེ་ལས་ སཱ་ར་ནཋ་དང་མཚོ་པདྨ་ཚུ་ནང་ སྒྲུབ་པ་ལུ་རྩེ་གཅིག་ཏུ་བཞུགས་ཡོདཔ་མ་ཚད་ གྲུབ་པའི་རྟགས་ཡང་ ལེ་ཤ་ཅིག་རང་བྱུང་ནུག། རིན་པོ་ཆེ་མཆོག་གི་གདན་ས་དང་པ་ འབྲུག་ཤར་ཕྱོགས་དགྲ་མེད་རྩེ་ལུ་ གྲུབ་ཆུ་དགོན་པ་ཆགས་གནང་མི་དེ་ཨིན་པས། སྤྲུལ་སྐུ་མཆོག་ སྤྱི་ལོ་༡༩༧༠གི་ལོང་ནང་ རྒྱ་གར་ཀ་ལིམ་སྤོང་ལུ་འབད་ ཐུགས་ཞི་བ་ལུ་གཤེགས་སོང་ནུག། ད་ལྟོ་ནཱ་བཀོད་མི་འདི་ བཅུད་བསྡུས་ཙམ་ཨིནམ་ལས་ སྤྲུལ་སྐུ་མཆོག་གི་མཛད་རྣམ་རྒྱས་ཤིང་རྒྱསཔ་སྦེ་ རྣམ་ཐར་ནང་ལོགས་སུ་སྦེ་ གསལ་བཀོད་འབད་འོང་ཟེར་ཞུ་ནི།

Nangchen Rinpoche Karma Samten
Nangchen Rinpoche Karma Samten

His Eminence Nangchen Rinpoche, Karma Samten was born in the Sheep year (1907) in Tibet. He recieved all the empowerments and oral transmissions, and teachings from H.H. Karmapa, RangjungRigpai Dorji and Chungtrul Rinpoche. The latter fled Tibet for Bhutan in the late 1950’s and stayed under the royal patronage of Her Royal Highness AzhiChokiWangmoWangchuk. Nangchen Rinpoche is said to have seen Guru Rinpoche indeed, and remained as one of the accomplished yogis of the 1900’s. He spent the rest of his life in the eastern part of Bhutan giving Vajra Guru Empowerments, Oral Transmissions, and teaching to the people. Hence, he was popularly known as Vajra Guru Rinpoche in Bhutan.

From the 6th incarnation of H.E. Namkai Nyingpo Rinpoche, he recieved empowerment and transmission of the Soeldep Leu Duenma. Rinpoche underwent strict meditation and retreat in many holy places such as Aja Ney in Mongar, Kuenzang Drak in Bumthang Bodh Gaya, Saranath, Tsho Pema in India, during which period many signs of accomplishment were revealed. He founded first seat Drupchu Gonpa in Drametse in eastern Bhutan. In the year 1970, the Trulku passed away into parinirvana in Kalimpong, India. This is but a brief summary and details will be recorded separately in his Biography.