དམིགས་ཡུལ།
བརྒྱུད་པ།
བཛྲ་གུ་རུ་རིན་པོ་ཆེ།
མནང་ཆེན་རིན་པོ་ཆེ།
སྐྱབས་རྗེ་མནང་ཆེན་རིན་པོ་ཆེ་ ཀརྨ་བསམ་གཏན་མཆོག་ སྤྱི་ལོ་༡༩༠༧ ལུག་གི་ལོ་ནང་ བོད་ལུ་སྐུ་འཁྲུངས་ནུག། རིན་པོ་ཆེ་མཆོག་ སྐྱབས་རྗེ་ཀརྨ་པ་རང་འབྱུང་རིག་པའི་རྡོ་རྗེ་དང་ གཅུང་སྤྲུལ་རིན་པོ་ཆེ་ཚུ་ལས་ དབང་ལུང་ཁྲིད་གསུམ་ གསན་སྦྱངས་མཛད་ནུག། གཅུང་རིན་པོ་ཆེ་མཆོག་ སྤྱི་ལོ་༡༩༥༠གི་ལོ་ནང་ བོད་ལས་འབྲུག་ལུ་ཕེབས་ཏེ་ ཨ་ཞེ་ཆོས་ཀྱི་དབང་མོ་དབང་ཕྱུག་མཆོག་གིས་ སྦྱིན་བདག་མཛད་དེ་འབྲུག་ལུ་བཞུགས་ནུག། གཅུང་རིན་པོ་ཆེ་མཆོག་གིས་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ དངོས་སུ་ཞལ་གཟིགས་ཡོད་པའི་ལོ་རྒྱུས་ཚུ་ཡང་བཤད་ནི་འདུག།
སངས་རྒྱས་ཆོས་གླིང་དགོན་པའི་ཆགས་རབས།
བཀའ་ཐང་བསྡུས་པ་ལས། གཡའ་མ་ལུང་དང་མོན་ཁ་ཤྲཱི་རྫོང་༔ ཞེས་དང་། ཡར་རྗེ་ཨོ་རྒྱན་གླིང་པའི་གཏེར་མ་ཨ་བརྒྱའི་གནས་ཡིག་ལས། སྦས་ཡུལ་ཨ་བརྒྱ་ལུང་དེ་གནས་འོག་མིན་དང་མཚུངས་སོ༔ ཨོ་རྒྱན་ཧེ་རུ་ཀ་དང་མཉམ་མོ༔ བདེ་བ་ཅན་དངོས་ཡིན་པས་སྦས་ཡུལ་ཐམས་ཅད་ཀྱི་ཡོན་ཏན་དང་ལྡན་ནོ༔ སྦས་ཡུལ་ཐམས་ཅད་མཇལ་བའི་བྱིན་རླབས་འཇུག་པར་ཐེ་ཚོམ་མེད༔
- མི་སྡེ་ལུ་ ཕན་བདེའི་དོན་ལུ་ སྐུ་རིམ་ཚུ་སྒྲུབ་ནི།
- ལྟེ་བ་ལས་ མི་མང་དང་རྗེས་འཇུག་སློབ་མ་ཚུ་ལུ་ དབང་ལུང་དང་ཆོས་ཁྲིད་གནང་ནི།
- སྐྱབས་རྗེ་མཁན་སྤྲུལ་བཛྲ་གུ་རུ་རིན་པོ་ཆེ་མཆོག་དང་ བརྒྱུད་འཛིན་བླ་སྤྲུལ་གཞན་ཚུ་གིས་ དགེ་སློང་དང་རྒན་ཤོས་ཚུ་ལུ་ བཀའ་ཆོས་གནང་ནི།
- སྒྲུབ་ཆེན་དང་ཚོགས་འཁོར་ཚུ་ འགོ་འདྲེན་འཐབ་ནི་དང་ དུས་མཆོད་འབུམ་སྡེ་དང་རིམ་གྲོ་སོགས་ ནམ་དགོས་མཁོ་བྱུང་མི་དང་བསྟུན་ འགོ་འདྲེན་འཐབ་ནི།
- ཁ་ཐུན་དགེ་སྦྱོར་གྱི་ལས་སྣ་ དཔེར་ན་ འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཞི་བདེ་དང་ དགའ་སྐྱིད་ཀྱི་དོན་ལུ་ དུས་རྒྱུན་གྱི་དུས་མཚམས་ལུ་ བཀའ་འགྱུར་དང་བསྟན་འགྱུར་སོགས་ ཀློག་ནི།
- ནང་རྟེན་སྐུ་འདྲ་ཚུ་བཞེངས་ནི། སྐུ་ཐང་བཞེངས་ནི། ལྡེབས་རིས་བཞེངས་ནི། དགེ་འདུན་དང་ཆོས་སྒྲུབ་མི་གཞན་ཚུའི་དོན་ལུ་ ཉལ་ཁང་རྐྱབ་ནི། མགྱོན་ཁྱིམ་དང་ མ་ཎི་དུང་འཁོར་ མཆོད་རྟེན་བཞེངས་ནི་དང་ ས་ཁོངས་གོང་འཕེལ།
ང་བཅས་ལུ་ རྒྱབ་སྐྱོར་མཛད་གནང་།
ང་བཅས་རའི་མི་སྡེ་ལུ་ ཕན་བདེ་དང་ སྲོལ་ཁྱུན་གྱི་ཆོས་ ཉམས་སྲུང་འབད་ནིའི་ནང་ ཕན་གྲོགས་ཀྱི་དོན་ལུ་ ང་བཅས་རའི་ལས་འགུལ་གྱི་འཐུས་མིའི་གྲལ་ཁར་ བྱོན་པ་ལེགས་སོ་ཡོད།