Menu Close

Our Vision

“སྤྱིར་འགྲོ་བ་སེམས་ཅན་ཐམས་ཅད་དང་ དམིགས་བསལ་དུ་ ན་གཞོན་ཨ་ལོ་ཚུའི་ ཕན་བདེའི་དོན་ལུ་ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ འཛིན་སྐྱོང་སྤེལ་གསུམ་དང་ འཛམ་གླིང་ནང་ ཞི་བདེ་དགའ་སྐྱིད་འབྱུང་ཐབས་ལུ་ ནང་པ་སངས་རྒྱས་པའི་ཆོས་ཀྱི་ཕན་ཁྱད་དང་” ཆོས་ཀྱི་རང་བཞིན་ ཡར་དྲག་དང་རྩ་བརྟན་གྱི་དོན་ལུ།”

“To uphold and spread the teachings of Lord Buddha for the benefit of all sentient beings, especially children, and to promote and strengthen values and a sense of spirituality in pursuit of universal peace and harmony in the world.”

སངས་རྒྱས་ཆོས་གླིང་དགོན་པའི་ཆགས་རབས།

བཀའ་ཐང་བསྡུས་པ་ལས། གཡའ་མ་ལུང་དང་མོན་ཁ་ཤྲཱི་རྫོང་༔ ཞེས་དང་། ཡར་རྗེ་ཨོ་རྒྱན་གླིང་པའི་གཏེར་མ་ཨ་བརྒྱའི་གནས་ཡིག་ལས། སྦས་ཡུལ་ཨ་བརྒྱ་ལུང་དེ་གནས་འོག་མིན་དང་མཚུངས་སོ༔ ཨོ་རྒྱན་ཧེ་རུ་ཀ་དང་མཉམ་མོ༔ བདེ་བ་ཅན་དངོས་ཡིན་པས་སྦས་ཡུལ་ཐམས་ཅད་ཀྱི་ཡོན་ཏན་དང་ལྡན་ནོ༔ སྦས་ཡུལ་ཐམས་ཅད་མཇལ་བའི་བྱིན་རླབས་འཇུག་པར་ཐེ་ཚོམ་མེད༔

About Monastery

The brief history of Sheri Muhung (shel ri mu hU~M`) Sangay Choling (sangs rgyas chos gling) Monastery, Monger (mong sgar), centre of shar chok khorlo tseb gyad (Shar phyogs ‘khor lo rtsibs brgyad).

Baza-Guru-Rinpoche
བཛྲ་གུ་རུ་རིན་པོ་ཆེ།

བཛྲ་གུ་རུ་རིན་པོ་ཆེ།

ཡོངས་གྲགས་ལུ་ བཛྲ་གུ་རུ་རིན་པོ་ཆེ་ཟེར་ཞུ་སྲོལ་ཡོད་མི་ སྤྲུལ་སྐུ་བཛྲ་གུ་རུ་རིན་པོ་ཆེ་ཀརྨ་བསམ་གཏན་ མཆོག་གི་ཡང་སྲིད་འཁྲུལ་མེད་ མཁན་སྤྲུལ་བཛྲ་གུ་རུ་རིན་པོ་ཆེ་མཆོག་ སྤྱི་ལོ་༡༩༧༤ཟླ་༦པའི་ཚེས་༢༠ལུ་ མོང་སྒར་རྫོང་ཁག་ ཨ་བརྒྱ་གནས་ཀྱི་ཉེ་འདབས་ ཤེལ་རི་མུ་ཧཱུྂ་ གཡུས་ཚན་ལུ་ ཡབ་ཕུན་ཚོགས་རབ་རྒྱས་དང་ ཡུམ་བསོད་ནམས་ཆོས་སྒྲོན་གཉིས་ཀྱི་སྲས་ལུ་ སྐུ་འཁྲུངས་ནུག། སྤྲུལ་སྐུ་མཆོག་འཁྲུངས་པའི་སྐབས་ བཀྲ་ཤིས་པའི་རྟགས་ སྣ་ཚོགས་དང་བཅས་འཁྲུངས་ཡོདཔ་མ་ཚད་ གསུང་འཐོན་པའི་བསྒང་ལས་ར་ སྐུ་ཚེ་སྔ་མའི་མཛད་འཕྲིན་ཚུ་ གསལ་རིལ་རི་སྦེ་ དྲན་བཤད་མཛད་ནུག།

Vajra Guru Rinpoche

His Eminence Khentruel Baza Guru Rinpoche, the reincarnation of Trulku Baza Guru Rinpoche Karma Samten, popularly known as Vajra Guru Rinpoche, was born on June 20, 1974 in a village called Sheri Muhung near Ajeney in Mongar. His father is Phuntsho Rabgay and mother is Sonam Choden. His birth was marked with auspicious signs and at a young age (as soon as he was able to speak), he could remember his past life vividly.

Baza Guru Rinpoche and Home Minister
Baza Guru Rinpoche
Nangchen Rinpoche Karma Samten
མནང་ཆེན་རིན་པོ་ཆེ།

མནང་ཆེན་རིན་པོ་ཆེ།

སྐྱབས་རྗེ་མནང་ཆེན་རིན་པོ་ཆེ་ ཀརྨ་བསམ་གཏན་མཆོག་ སྤྱི་ལོ་༡༩༠༧ ལུག་གི་ལོ་ནང་ བོད་ལུ་སྐུ་འཁྲུངས་ནུག། རིན་པོ་ཆེ་མཆོག་ སྐྱབས་རྗེ་ཀརྨ་པ་རང་འབྱུང་རིག་པའི་རྡོ་རྗེ་དང་ གཅུང་སྤྲུལ་རིན་པོ་ཆེ་ཚུ་ལས་ དབང་ལུང་ཁྲིད་གསུམ་ གསན་སྦྱངས་མཛད་ནུག། གཅུང་རིན་པོ་ཆེ་མཆོག་ སྤྱི་ལོ་༡༩༥༠གི་ལོ་ནང་ བོད་ལས་འབྲུག་ལུ་ཕེབས་ཏེ་ ཨ་ཞེ་ཆོས་ཀྱི་དབང་མོ་དབང་ཕྱུག་མཆོག་གིས་ སྦྱིན་བདག་མཛད་དེ་འབྲུག་ལུ་བཞུགས་ནུག། གཅུང་རིན་པོ་ཆེ་མཆོག་གིས་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ དངོས་སུ་ཞལ་གཟིགས་ཡོད་པའི་ལོ་རྒྱུས་ཚུ་ཡང་བཤད་ནི་འདུག།

Nangchen Rinpoche

His Eminence Nangchen Rinpoche, Karma Samten was born in the Sheep year (1907) in Tibet. He recieved all the empowerments and oral transmissions, and teachings from H.H. Karmapa, Rangjung Rigpai Dorji and Chungtrul Rinpoche. The latter fled Tibet for Bhutan in the late 1950’s and stayed under the royal patronage of Her Royal Highness Azhi Choki Wangmo Wangchuk. Nangchen Rinpoche is said to have seen Guru Rinpoche indeed…..
Nangchen Rinpoche Karma Samten
His Eminence Nangchen Rinpoche

ང་བཅས་ལུ་ རྒྱབ་སྐྱོར་མཛད་གནང་།

endless-knot

ང་བཅས་རའི་མི་སྡེ་ལུ་ ཕན་བདེ་དང་ སྲོལ་ཁྱུན་གྱི་ཆོས་ ཉམས་སྲུང་འབད་ནིའི་ནང་ ཕན་གྲོགས་ཀྱི་དོན་ལུ་ ང་བཅས་རའི་ལས་འགུལ་གྱི་འཐུས་མིའི་གྲལ་ཁར་ བྱོན་པ་ལེགས་སོ་ཡོད།

"No Donation is Small"

cross dorji
We welcome you to be the part of our project to benefit our community and help in preserving their spiritual heritage.